Be true to your own dignity. Do not disturb the minds of others.

He is currently the abbot at Path of Libetation Buddhist Center

Mission: To inspire compassion and wisdom, helping all beings overcome suffering and find joy and meaning in life.

AUS.+South+Coast+07+%282%29.jpg

The Path of Liberation is a welcoming Buddhist center founded by Khenpo Paljor Gyatso, dedicated to sharing his wisdom and guidance in both the theory and practice of Buddhism. Nestled in the peaceful setting of Kāneʻohe, Hawaiʻi, on the island of Oʻahu, it offers a space for reflection, learning, and inner growth.

Khenpo also shares teachings at venues around the world and offers personal guidance through individual consultations, supporting practitioners at every stage of their journey. For more information or to schedule a session, please contact him at khenpopaljor@gmail.com.

Rooted in the Tibetan Buddhist tradition while embracing universal Buddhist principles, the Path of Liberation is devoted to helping individuals transform suffering and hopelessness into clarity, compassion, and resilience—nurturing a life filled with joy, purpose, and deeper meaning.

མདོ་སྡེ་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཞེས་གསུངས་པ་ལྟར་ཐེག་ཆེན་ཐུན་མོང་མ་ཡིན་པ་ལྟར་ན། བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཚད་མའི་བདག་ཉིད་ཅན་དེས་སྔོན་སློབ་པ་ལམ་གྱི་དུས་སུ་བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་པའི་སྐྱེ་བ་བཞེས་ཚེ་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་དྲུང་དུ་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་ཏེ་སེམས་དང་པོ་བསྐྱེད་པ་དང༌། རྫ་མཁན་གྱི་བུ་ཁྱེའུ་སྣང་བྱེད་དུ་གྱུར་ཚེ་ཐུབ་པ་ཆེན་པོའི་དྲུང་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང༌། ཡང་དམྱལ་བའི་གནས་སུ་ཤིང་རྟ་འདྲེན་པའི་ཚེ་གྲོགས་ཀ་མ་རུ་པ་ལ་སྙིང་རྗེ་སྐྱེས་ཏེ་སེམས་བསྐྱེད་པ་སོགས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་སངས་རྒྱས་གངྒའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་ཏེ་རྫོགས་སྨིན་སྦྱང་པ་མཐའ་རུ་ཕྱིན་ནས། མཐར་འོག་མིན་སྟུག་པོ་བཀོད་པ་ལྔ་ལྡན་ལོངས་སྐུའི་ཞིང་དུ་སངས་རྒྱས། མཐར་སྐུ་དེ་ལས་མ་གཡོས་བཞིན་འཛམ་བུའི་གླིང་འདིར་མཆོག་གི་སྤྲུལ་སྐུའི་ཚུལ་དུ་བྱོན་ཏེ་ཡང་སངས་རྒྱས་པའི་ཚུལ་བསྟན་པར་གསུངས་ཏེ། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ཡང་དག་སངས་རྒྱས་བྱང་ཆུབ་ཏུ། །འཚང་རྒྱ་འོག་མིན་གནས་མཆོག་ཏུ། །སངས་རྒྱས་མ་གྱུར་འདོད་ཁམས་སུ། །སངས་རྒྱས་མཛད་པ་མི་མཛད་དེ། །དེ་དག་སྟུག་པོའི་ཞིང་གཤེགས་ནས། །སངས་རྒྱས་སྤྲུལ་བ་བྱེ་བ་ཡིས། །རྟག་ཏུ་རྣལ་འབྱོར་མཉམ་པར་བཞག ། སྤྲུལ་པ་དག་དང་ཐབས་གཅིག་རོལ། །ཐམས་ཅད་ཞིང་དུ་ཟླ་བ་ལྟར། །གང་ལ་གང་གིས་དབང་སྒྱུར་བ། དེ་ལ་དེར་སྟོན་འབྱུང་བ་སྟེ། །ཞེས་དང༌། ལང་ཀར་གཤེགས་ལས། གཙང་མའི་གནས་དག་རྣམ་སྤངས་པའི། །འོག་མིན་སྟུག་པོ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་བ་པོ་ཞིག་འདིར་འཚང་རྒྱ། ། ཞེས་གསུངས་པ་ལྟར་རོ། ། དེ་ལ་འོག་མིན་གྱི་གནས་དང་འོག་མིན་སྟུག་པོ་བཀོད་པ་ཞེས་པ་དེ་གཉིས་དོན་གཅིག་མ་ཡིན་ཏེ། དེ་ལ་འོག་མིན་གནས་ཞེས་པ་ནི། དེ་ནི་སོ་སོ་སྐྱེ་བོའི་སྤྱོད་ཡུལ་མིན་པའི་ཐེག་དམན་འཕགས་པ་རྣམས་སྐྱེ་བ་ལེན་སའི་གནས་ཤིག་སྟེ། སྤྱིར་འདོད་ཁམས་དང༌། གཟུགས་ཁམས། གཟུགས་མེད་ཁམས་གསུམ་ཡོད་པའི་ནང་གསེས་གཟུགས་ཁམས་ལ་བསམ་གཏན་གནས་བཞི་ཡོད་པ་དང༌། བསམ་གཏན་བཞི་པའི་གནས་ལ་སོ་སྐྱེའི་གནས་གསུམ་དང་འཕགས་པའི་གནས་ལྔ་ཡོད་པའི་འཕགས་པའི་གནས་ཀྱི་ནང་གསེས་ལྔ་པ་དེ་འོག་མིན་གནས་ཡིན་པར་བརྗོད་ཀྱིན་ཡོད། འོག་མིན་སྟུག་པོ་ནི་ཐེག་པ་ཆེན་པོའི་མདོ་ལས་གསུངས་པའི་འོག་མིན་ཆེན་པོ་རྒྱན་སྟུག་པོ་བཀོད་པ་ཞེས་པ་དེ་ཡིན་ཞིང༌། གནས་དེ་ནི་གཟུགས་ཁམས་གནས་རིས་བཅུ་བདུན་པ་འོག་མིན་གྱི་སྟེང་ན་ཡོད་པའི་གནས་རིས་བཅོ་བརྒྱད་པ་ཞིག་སྟེ། གཞུང་མང་པོར་དབང་ཕྱུག་ཆེན་པོའི་གནས་འོག་མིན་སྟུག་པོ་བཀོད་པ་ཞེས་ས་བཅུ་པ་ཐོབ་པའི་དབང་ཕྱུག་རྣམས་སྐྱེ་བ་ལེན་སའི་གནས་ཤིག་ཡིན་པར་བཤད། ལང་ཀར་གཤེགས་པའི་མདོ་ལས། འདོད་པ་ཁམས་དང་གཟུགས་མེད་དུ། །སངས་རྒྱས་རྣམས་ནི་སངས་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱེད་འཚང་རྒྱའོ། །ཞེས་གསུངས་སོ།། །། གཞན་ཡང་འོག་མིན་གྱི་གནས་ཞེས་པ་ལ་རང་སྣང་འོག་མིན་གྱི་ཞིང་ཞེས་བཤད་ཚུལ་ཡོད་ལ། དེ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ལ་གོ་དགོས་ཀྱི། དེ་ནི་ཕྱོགས་འདི་དང་འཁོར་ཡུག་འདི་ལྟ་བུའོ་ཞེས་ཚུར་མཐོང་སྤྲོས་བཅས་ཀྱི་བློས་བཤད་དུ་མེད་དེ། གཟུང་འཛིན་སྤྲོས་པ་དང་བཅས་པ་ཉེ་བར་ཞི་གནས་ལུགས་ཡིན་པས་སོ།། །། དེ་ལྟ་བུ་ལ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཞེས་རྒྱུད་གསང་བ་སྙིང་པོའི་སྐབས་ན་གསུངས་སོ།། །།།

 
Khenpo teaching a meditation class at Pure Land of Iowa.

Khenpo teaching a meditation class at Pure Land of Iowa.